6846

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མལླི་ཀ
Tibetan Definition (ལེགས་སྦྱར) 1 ཕྲེང་ལྡན། སཾ་བོད་སྐད་གཉིས་ཤན་སྦྱར་ན་གསལ། ཕྲེང་བ་ལའང་འཇུག་སྟེ། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས། ལྷག་བསམ་མ་སྨད་རིན་ཆེན་ཡོལ་གོ་ལས། །འཕྲིན་ཡིག་མནྡ་ར་བའི་མལླི་ཀ། །རྟག་ཏུ་འཐོར་བའི་ཤིས་པ་དམ་པའི་དཔལ། །བདག་ཡིད་ཀུན་དགའ་རྒྱས་པའི་དཔྱིད་དུ་མཛོད། །ཅེས་གསུངས་པ་ལྟར་རོ། །2 མེ་ཏོག་ཕྲེང་རྒྱུད་མཁན། སཾ་བོད་སྐད་གཉིས་ཤན་སྦྱར་ན་གསལ། 3 མེ་ཏོག་ཀུནྟའི་བྱེ་བྲག་ཅིག ཕྱི་རྒྱལ་བས (Jasmine) ཟེར་བ་དེའི་རིགས་ཤིག དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། མལླི་ཀ་ནི་མེ་ཏོག་དཀར་པོ་ཆུང་ངུ་འཁྲི་ཤིང་ལ་སྐྱེས། རྒྱ་གར་དབུས་པས་ཅ་མེ་ལི་ཞེས་འབོད། ཅེས་གསལ། ཀུནྟ་ཞེས་པའི་ཐད་པའི་གཟིགས། 4 གྲལ་སྒྲིག་པ། སྟར་སྒྲིག་པ། 5 གཞུ་མར་གྱི་སྟེགས་བུ། 6 སྣོད་སྤྱད། དཀར་ཡོལ།