6848

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མལླི་ཀཱ
Tibetan Definition (ལེགས་སྦྱར) 1 མེ་ཏོག་ཀུནྟའི་བྱེ་བྲག་ཅིག मल्लिका ཕྱི་རྒྱལ་བས་Jasmine ཟེར་བ་དེའི་རིགས་ཤིག སཾ་བོད་ཚིག་མཛོད་འགར། མེ་ཏོག་ཀུནྟའི་མིང་གི་རྣམ་གྲངས་སུ་བཤད། དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། མ་ལླི་ཀཱ་ནི་མེ་ཏོག་དཀར་པོ་ཆུང་ངུ་འཁྲི་ཤིང་ལ་སྐྱེས་པ། རྒྱ་གར་དབུས་པས་ चमेली ཅ་མེ་ལཱི་ཞེས་འབོད། ཅེས་གསལ། ཀུནྟ་ཞེས་པའི་ཐད་དུ་གཟིགས། 2 ཕྲེང་ལྡན། སཾ་བོད་སྐད་གཉིས་ཤན་གསེར་གྱི་ཕྲེང་མཛེས་ན་གསལ། 3 ཕྲེང་བ། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས། ལྷག་བསམ་མ་སྨད་རིན་ཆེན་ཡོལ་གོ་ལས། །འཕྲིན་ཡིག་མནྡ་ར་བའི་མལླི་ཀཱ། །རྟག་ཏུ་འཐོར་བའི་ཤིས་པ་དམ་པའི་དཔལ། །བདག་ཡིད་ཀུན་དགའ་རྒྱས་པའི་དཔྱིད་དུ་མཛོད། །ཅེས་གསུངས་པ་ལྟར་རོ། །4 མེ་ཏོག་ཕྲེང་རྒྱུས་མཁན། སཾ་བོད་སྐད་གཉིས་ཤན་གསེར་གྱི་ཕྲེང་མཛེས་ན་གསལ། 5 གྲལ་སྒྲིག་པ། གྲལ་སྟར་སྒྲིག་པ། 6 གཞུ་མར་གྱི་སྟེགས་བུ། 7 སྣོད་སྤྱད། དཀར་ཡོལ།