6856

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཱ་ཏཾ་གཱི
Tibetan Definition 3 སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་དང༌། དཔལ་གསང་བ་འདུས་པའི་མན་ངག་གི་བརྒྱུད་པ་འཛིན་པའི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞིག་སྟེ། རྗེའི་རིམ་ལྔ་གསལ་སྒྲོན་ལས། གསང་འདུས་མར་ལུགས་པ་རྣམས་འཕགས་པའི་སློབ་མར་བཞེད། ཞེས་དང༌། དཔལ་གསང་བ་འདུས་པའི་བླ་བརྒྱུད་གསོལ་འདེབས་ནང༌། འཕགས་མཆོག་དེ་ཡིས་རྗེས་བཟུང་ཐུགས་ཀྱི་སྲས། །བེ་ག་ར་ཡི་དུར་ཁྲོད་ཆེན་པོ་རུ། །བརྟུལ་ཞུགས་སྤྱོད་པས་མཆོག་གི་དངོས་གྲུབ་བརྙེས། །མཱ་ཏཾ་གཱི་པའི་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རོ། །