686

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ག་ག་ཚིལ་བྱེད་པའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་རེ་གསུམ་པ། ག་ག་ཚིལ་བྱེད་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་རང་གི་ལུས་དངོས་མ་ཉམས་པས་དགེ་སློང་གཞན་གྱི་ལུས་དངོས་མ་ཉམས་པ་ལ་སྐྱི་གཡའ་བར་བྱ་བའི་སེམས་ཀྱིས་རེག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་བཅུ་བདུན་སྡེའི་གཅིག་ལ་གཞན་བཅུ་དྲུག་གིས་ག་ག་ཚིལ་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པའོ། །