6862

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི
Tibetan Definition <མ་ནུ་ཥྱ> 1 སྨྲ་ཤེས་དོན་གོ་བའི་རིགས། ངེས་ཚིག་ནི། མ་ནུ་ཥྱའི་སྒྲ་ལས་འགྲོ་བ་གཞན་ལས་ཡིད་དམ་རྟོག་དཔྱོད་ཀྱི་ནུས་པ་ཤ་ཆེ་བས་མིའམ། ཡིད་ལས་སྐྱེས་པ་དང༌། ཡིད་ཀྱི་བུ་དང༌། ཤེད་བུ་ཞེས་བྱ་སྟེ། མཆིམས་མཛོད་༢༣༡ལས། འཇིག་རྟེན་པ་རྣམས་ཡིད་ཀྱི་བུ་ཞེས་ཟེར་ཞིང་ཡིད་ཤས་ཆེ་བས་མི་སྟེ་མ་ནུ་ཥྱའི་དོན་ནོ། །ཞེས་གསུངས། 2 དགག་སྒྲ་ཞིག ལྗོན་དབང་ལས། མ་མི་མིན་མེད་དགག་སྒྲ་སྟེ། །ཞེས་པ་ལྟར་རོ། །