6868

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་གཡོ་བ
Tibetan Definition 1 བཀའ་གདམས་ལྷ་བཞིའི་ཡ་གྱལ་ཞིག་སྟེ། ཁྲོ་རྒྱལ་མི་གཡོ་བ་ནི། སྐུ་མདོག་སྔོན་པོ་ཕྱག་གཡས་རལ་གྲི་འཕྱར། །གཡོན་པས་ཐུགས་ཀར་སྡིགས་མཛུབ་ཞགས་པ་བསྣམས། །ཞལ་གདངས་མཆེ་གཙིགས་དམར་བའི་སྤྱན་གསུམ་ལྡན། །དབུ་སྐྲ་ཁམ་སེར་གྱེན་བརྫེས་རིན་ཆེན་དང༌། །སྤྲུལ་གྱིས་བརྒྱན་ཅིང་སྟགས་ལྤགས་ཤམ་ཐབས་གསོལ། །སྣ་ཚོགས་པད་ཉི་བགེགས་ཀྱི་གདན་སྟེང་དུ། །གཡས་བསྐུམ་གཡོན་བརྐྱང་མེ་དཔུང་འབར་བའི་དབུས། །བཞུགས་པའི་ཁྲོ་རྒྱལ་མི་གཡོ་བ་ལ་འདུད། །ཨོཾ་ཙནྟྲ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ། ཅེས་པ་ལྟར་རོ། །