6870

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་གཡོ་བ་དཀར་པོ
Tibetan Definition ཁྲོ་རྒྱལ་མི་གཡོ་བ་དཀར་པོ་ནི། སྐུ་མདོག་དཀར་པོ་ཕྱག་གཡས་རལ་གྲི་འཕྱར། །གཡོན་པས་ཐུགས་ཀར་སྡིགས་འཛུབ་ཞགས་པ་བསྣམས། །དམར་ཟླུམ་སྤྱན་གསུམ་ལྡན་ཞིང་མཆེ་བ་གཙིགས། །སྨིན་མ་སྨ་ར་དབུ་སྐྲ་ཁམ་སེར་བརྗེས། །རིན་ཆེན་རྒྱན་དང་དར་གྱི་ཤམ་ཐབས་གསོལ། །པད་དཀར་འདབ་བརྒྱད་ལྟེ་བར་ཉི་མའི་སྟེང༌། །གཡས་ཀྱི་ཞབས་མཐིལ་གཡོན་གྱི་པུས་མོ་བཙུག །ཁྲོ་རྒྱལ་མི་གཡོ་དཀར་པོ་ལ་ཕྱག་འཚལ། །སྔགས། ཨོཾ་ཙནྟྲ་མཧཱ་རོ་ཥ་ན་ཧཱུྂ་ཕཊ། ཞེས་གསུངས་པ་ལྟར་རོ། །