6880

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཆོས
Tibetan Definition 2 འཇིག་རྟེན་པའི་བསླབ་བྱ། དེ་ཡང་ཞིབ་ཏུ་བཤད་ན། ཚི་འདི་ཙམ་གྱི་སྡུག་བསྔལ་སེལ་བ་དང་བདེ་བ་སྒྲུབ་ཐབས་ཀྱི་བསླབ་བྱའི་མིང་སྟེ། དགེ་འདུན་ཆོས་འཕེལ་གྱིས། ཚེ་གཅི༵ག་ཡུན་ལ་ཕན་པའི་མི་ཆོས་དང༌། །དོན་གཉི༵ས་ (འདིའི་དོན་གཉིས་ཞེས་པ་ཡོངས་གྲགས་ཀྱི་རང་གཞན་དོན་གཉིས་ལ་མི་གོ་བར། ཚེ་འདིའི་དོན་དང་ཕྱི་མའི་དོན་གཉིས་པོ་ལ་གོ་ན་སྐབས་དོན་དང་འབྲེལ་ཆེའོ) འབྲས་བུ་སྩོལ་བའི་ལྷ་ཆོས་ཏེ། །དུས་གསུ༵མ་ཀུན་ཏུ་བདེ་དགའི་དཔལ་སྦྱིན་པའི། །སྡེ་བཞི༵འི་ནོར་གྱིས་བོད་ཁམས་ཕྱུག་པར་མཛད། །ཅེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། མི་ནི་འཇིག་རྟེན་པའི་མིང་ཡིན་ལ། ཆོས་ནི་བསླབ་བྱའི་ཆོས་སོ། །ལྷ་ཆོས་དགེ་བ་བཅུ། མི་ཆོས་གཙང་མ་བཅུ་དྲུག་ཅེས་པ་ལྟ་བུ། ཡང་ན་མི་ཡི་ཆོས་ལུགས་ཀྱི་ཚིག་སྣ་བསྡུས་པའོ། །