6884

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཆོས་བླ་མ
Tibetan Definition (འདུལ་བ) ཁམས་གོང་མའི་ཡོན་ཏན། མཚན་གཞི་ནི། བསམ་གཏན་གཟུགས་མེད་ཀྱི་སྙོམས་འཇུག མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པའོ། །སྒྲ་བཤད་ནི། མིའི་ཆོས་ནི་མྱ་ངན་འདས་པ་ཡིན་ལ། བླ་མ་ཞེས་པ་གོང་མའི་སེམས་ལ་ཟེར་བས། མྱང་འདས་དང་གོང་མའི་སེམས་ཞེས་བྱ་བའི་དོན་ནོ། །ཡང་ན། མིའི་ཆོས་ནི་སྒྲིབ་པ་ལྔ་པོ་རྣམས་ཡིན་ལ། བླ་མ་ནི་དེ་དག་སྤངས་པ་ལ་ཟེར་བས། སྒྲིབ་པ་ལྔ་སྤངས་པ་ལས་ཐོབ་པ་ཞེས་བྱ་བའི་དོན་ནོ། །མཚོ་ཊཱིཀ་ལ་གཞི་བྱས་ཏེ་བཀོད། སྒྲིབ་པ་ལྔ་ནི། འདོད་པའི་སས་བསྡུས་ཀྱི་ཉོན་མོངས་ལྔ་སྟེ། འདོད་པ་ལ་འདུན་པ། འདོད་ཆགས། གནོད་སེམས། ཞེ་སྡང༌། གཉིད་རྨུགས། རྒོད་འགྱོད། ཐེ་ཚོམ་དང་ལྔའོ། །