6890

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཐབས་བཅོ་བརྒྱད་རྟ་ཐབས་གཅིག
Tibetan Definition 2 ཅི་བྱེད་སེམས་ཅན་གྱི་དོན་དུ་སློབ་པ་ལ། མི་ཐབས་དང་། རང་གཅེས་འཛིན་ལ་གནོད་པ་ཅི་འཁྱོལ་བྱེད་པ་ལ། རྟ་ཐབས་ཟེར་བ་ཡིན་ཏེ། རྗེའི་ལམ་རིམ་ལས། གླང་རི་ཐང་པའི་ཞལ་ནས། ཤྭ་བོ་པ་དང་ངེད་གཉིས་ལ་མི་ཐབས་བཅོ་བརྒྱད་རྟ་ཐབས་གཅིག་དང་བཅུ་དགུ་ཡོད། མི་ཐབས་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཅི་བྱེད་སེམས་ཅན་གྱི་དོན་དུ་སློབ་པ་དེ་ཡིན། རྟ་ཐབས་ནི་བྱང་སེམས་མ་སྐྱེས་པ་མི་སྐྱེ་སྐྱེས་པ་མི་གནས་ཤིང་འཕེལ་དུ་མི་སྟེར་བ་བདག་གཅེས་འཛིན་ཡིན་པས་འདི་ལ་ཟུར་བསྟན་ནས་ཅི་གནོད་དུ་སྦྱོང༌། སེམས་ཅན་ལ་མཐིལ་བསྟན་ནས་ཅི་ཕན་དུ་སྦྱོང་བ་ཡིན་གསུང༌། ཞེས་གསུངས་པ་ལྟར་རོ། །