6915

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་མཆོག
Tibetan Definition <ན་རོཏྟམཿ> 1 སངས་རྒྱས་སྤྱིའི་མིང་། ལྟུང་བཤགས་ལས། མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང༌། །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆིའོ། །ཞེས་གསུངས་པ་ལྟ་བུ། །སྐད་དོད་དེ་བྱེ་བྲག་རྟོགས་བྱེད་ཆེན་མོ་༢བ༢ན་གསལ། 2 རྒྱལ་པོ། 3 མི་བཟང་པོའམ་ཡག་པོ།