6917

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་མཇེད་འཇིག་རྟེན་གྱི་ཁམས
Tibetan Definition བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་མཛད་པ་བཅུ་གཉིས་ཀྱི་ཚུལ་གང་དུ་བསྟན་པའི་འཛམ་བུའི་གླིང་དང༌། གླིང་གཞན་གསུམ། འདོད་ལྷ་རིགས་དྲུག བསམ་གཏན་དང་པོའི་བར་གྱི་འཇིག་རྟེན་གྱི་ཁམས་ལ་མི་མཇེད་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྒྲ་བཤད་ནི། མི་མཇེད་ཅེས་པ་བཟོད་པ། མི་འཕྲོག་པ། ལྡན་པ་དང༌། ནུས་པ་རྣམས་ལ་འཇུག་པས་ཞིང་འདིར་སྐྱེས་པའི་སེམས་ཅན་རྣམས་ཉོན་མོངས་པ་དང་སྡུག་བསྔལ་དེ་དག་དང་ཤིན་ཏུ་ལྡན་པའམ། ཞིང་འདིའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྙིང་སྟོབས་ལྷག་པར་བཟོད་ཅིང་དཔའ་བས་ཕུལ་དུ་བྱུང་བས་དེ་ལྟར་གྲགས་སོ། །འདི་སྐོར་རྒྱས་པ་མངོན་པ་མཛོད་ལས་ཤེས་པར་བྱའོ། །ཤེས་བྱ་མཛོད་འགྲེལ་གླེགས་བམ་སྟོད་ཆ་༡༧༩ལས་ཀྱང༌། མི་མཇེད་ཀྱི་སྐད་དོད། སཱ་ཧ་ཞེས་པ་ལྡན་པ་དང་བཟོད་པ་ནུས་པ་རྣམས་ལ་འཇུག་པས། ཞེས་སོགས་གསུངས་སོ། །