6919

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཚངས་པར་སྤྱོད་པ
Tibetan Definition <ཨབྲཧྨ་ཙརྱཾ> 1 (འདུལ་བ) འཁྲིག་སྤྱོད་ཀྱི་མིང༌སྟེ། དགེ་སློང་གི་ཕམ་པ་བཞིའི་ཡ་གྱལ་ཞིག མི་ཚངས་པར་སྤྱོད་པ་ཞེས་པའི་ཚིག་འདི་ལེགས་སྦྱར་གྱི་ “ཨབྲཧྨ་ཙརྱཾ” ཞེས་པའི་བརྡ་ཇི་ལྟ་བ་བཞིན་བོད་སྐད་དུ་ཚུར་བླངས་པའོ། །དེ་ཡང་། “ཨ” ནི་དགག་སྒྲ་དང་། “བྲཧྨ” ནི་ཚངས་པ། “ཙརྱཾ” ནི་སྤྱོད་པའི་དོན་ནོ། །མི་ཚངས་པར་སྤྱོད་པ་ཞེས་པའི་ཚིག་འདིའི་ཐད་ཀའི་དོན་ནི། ཚངས་པ་མ་ཡིན་པའི་སྤྱོད་པ་ལ་འཇུག་པ་ཞེས་པའམ། ཚངས་པའི་སྤྱོད་པ་དང་འགལ་བའི་སྤྱོད་པ་ལ་འཇུག་པ་ཞེས་པའི་དོན་ནོ། །སྒྲ་བཤད་ནི། ཚངས་པ་ནི་མྱ་ངན་ལས་འདས་པ་དང༌། སྤྱོད་པ་ནི་འཕགས་པའི་ལམ་ཡིན་པས། དེ་དང་མི་མཐུན་པའམ་ཐར་ལམ་དང་མི་མཐུན་པའི་སྤྱོད་པ་ཡིན་པས་མི་ཚངས་པར་སྤྱོད་པ་ཞེས་བྱའོ།། འཁྲིག་སྤྱོད་ལ་མི་ཚངས་སྤྱོད། ཅེས་བཏགས་པ་ནི་བྱ་བ་མི་རིགས་པ་བྱེད་པའི་སྤྱི་མིང་བྱེ་བྲག་ལ་ཐོགས་པར་སེམས་སོ། །མིང་གི་རྣམ་གྲངས་ནི། ལོག་པར་སྤྱོད་པ། ལོག་པར་ཞུགས་པ། འཁྲིག་པ། རྒྱོ། སྙོམས་པར་འཇུག་པ་བཅས་སོ། །2 ཆོས་མིན་གྱི་བྱ་བ་སྤྱིའི་མིང༌།