6921

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཚངས་སྤྱོད་ཀྱི་ཕམ་པ
Tibetan Definition (འདུལ་བ) མི་ཚངས་སྤྱོད་ཀྱི་ཕམ་པའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་རང་འབའ་ཞིག་གམ་རང་གཞན་གྱི་ལམ་དང་ཡན་ལག་ཕྲད་པའི་བདེ་བ་ཉམས་སུ་མྱོང་ཞིང་བདག་གིར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། ཡུལ་སྤོང་བྱེད་དུ་དགེ་སློང་བཟང་བྱིན་གྱིས་མི་ཚངས་པར་སྤྱད་པ་ལ་བརྟེན་ནས་ལྟུང་བ་ཕམ་པའི་ལྟུང་བ་བཅས་སོ། །ཐུན་མོང་གི་དགག་བྱ་ནི། ངན་སོང་དུ་ལྟུང་བ། གཞན་མ་དད་པ་སྐྱེ་བ། ལས་དང་ལམ་ལ་སྒྲིབ་པའོ། །སྐབས་འདིའི་ཐུན་མོང་མ་ཡིན་པའི་དགག་བྱ་ནི། འཁྲིག་པའི་འདོད་ཆགས་འཕེལ་བའོ། །མཚོ་ཊཱིཀ་ལྟར་རོ། །