6933

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཡི་སེངྒེ
Tibetan Definition (འདུལ་བ) སངས་རྒྱས་སྤྱིའི་མཚན། དེ་བཞིན་གཤེགས་པ་མི་ཡི་སེངྒེ་ཀུན། །ཞེས་པ་ལྟ་བུ། སྒྲ་བཤད་ནི། སངས་རྒྱས་ལ་མི་ཡི་སེངྒེ་ཞེས་པའི་བརྗོད་པའི་རྒྱུ་མཚན་ནི། མིའི་སྐྱེ་བར་སྟོན་ལ། སེངྒེ་ལྟར་གཞན་ཟིལ་གྱིས་གནོན་ཅིང་བག་ཚ་བ་མེད་པས་སོ། །ཞེས་དངུལ་ཆུ་དྷརྨ་བྷ་དྲ་གསུངས་ཀྱང་། མི་རྣམས་ཀྱི་གཙོ་བོ་ཡིན་པས་མི་ཡི་སེངྒེ་ཞེས་བརྗོད་པ་ཡིན་ཏེ། དཔེར་ན་ཤཱཀྱའི་གཙོ་བོ་ཡིན་པས་ཤཱཀྱ་སེངྒེ་ཞེས་མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་ལས་གསུངས་པའི་ཕྱིར་རོ། །