6950

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ལ་རས་པ
Tibetan Definition རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་ནི། རབ་བྱུང་དང་པོའི་ལྕགས་འབྲུག་ཕྱི་ལོ1040 ལོར་ལ་སྟོད་གུང་ཐང་སྐྱ་རྔ་རྩ་རུ་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང༌། ཡུམ་མྱང་ཚད་དཀར་རྒྱན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་གཞན་ཐོས་པ་དགའ་ཟེར། སྒྲ་བཤད་ནི། མི་ལ་ཞེས་པ་རིགས་རྒྱུད་ཀྱི་མིང་དང༌། རས་པ་ནི་བོད་ཀྱི་ཡུལ་དེ་གྲང་ངར་ཤིན་ཏུ་ཆེ་བའི་ཡུལ་ཞིག་ཡིན་ཀྱང་གཏུམ་མོའི་རྣལ་འབྱོར་གྱི་སྟོབས་ཀྱིས་རས་རྐྱང་གི་ན་བཟའ་བསྣབས་པས་རས་པ་ཞེས་བྱའོ། །རྗེ་མི་ལའི་རྣམ་མགུར་༦༢༨དུའང༌། ན་བཟའ་རས་རྐྱང་དང་གཏུམ་མོའི་བདེ་དྲོད་ཀྱིས་འཚོ་བ་ཞེས་འབྱུང༌། གྲུབ་ཆེན་འདིའི་སྐོར་རྒྱས་པ་རྗེ་དེ་ཉིད་ཀྱི་རྣམ་མགུར་དང༌། དེབ་སྔོན་སྟོད་ཆ་༥༡༡ན་གསལ། འཁྲུངས་འདས་ལོ་ཚིགས1040-1123