6964

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་སྡུག་པའི་མཚན་མ་བཅོ་བརྒྱད
Tibetan Definition མི་སྡུག་པ། མགོ་སྐྲ་བྱི་བ། དཔྲལ་བ་ཆུང་བ། མདོག་སེར་སྐྱ། མིག་སེར་སྐྱ། སྨིན་མཚམས་མ་འབྱར་བ། སྣ་ལེབ་པ། སོ་སྟོ་བ་སྟེ་འབུར་བ། དིག་པ། མིག་ཟླུམ་པ། མིག་ཆུང་བ། ཕྱི་ནང་དུ་སྒུར་བ། ལྟོ་འཕྱེ་བ། དཔུང་པ་དང་རྗེ་ངར་ཐུང་བ། སྤུ་ཅན། ལག་པ་དང་རྐང་པ་མི་མཉམ་པ། ཚིགས་སྦོམ་པ། ཁ་དང་ལུས་ལས་དྲི་ངན་བྱུང་བ་དང་བཅོ་བརྒྱད་དོ། །ཞེས་ལུང་ཕྲན་ཚེགས་ཀྱི་འགྲེལ་པར་གསུངས། ཞེས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་༥༥བ༡ལས་བཤད་ཀྱང་། ལུང་ཕྲན་ཚེགས་ཀྱི་འགྲེལ་པར་དེ་འདྲ་གསལ་བར་བཤད་པ་མ་མཐོང་བས་དཔྱད་དགོས་སོ། །གྲངས་འདྲེན་ལའང་དཔྱད་དགོས་པར་སྣང་སྟེ། འགའ་ཞིག་ཏུ། མི་སྡུག་པ་བགྲངས་ལ། གཞན་དུ་ངན་པ་ཞེས་གཅིག་ཏུ་བགྲངས་བར་སྣང་ངོ་། །