From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| མི་སྨྲ་བར་འགྲོ་བའི་ལྟུང་བྱེད
|
| Tibetan Definition
|
(འདུལ་བ) འབའ་ཞིག་པ་དགུ་བཅུའི་དོན་བདུན་པ། མི་སྨྲ་བར་འགྲོ་བའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་ཁ་སྐོང་པར་འོས་པས་དགེ་འདུན་གྱི་ཆོས་ལྡན་གྱི་ལས་ལ་འདུས་ནས་དགེ་སློང་ལ་མ་སྨྲས་པར་ཐོས་པའི་ཉེ་འཁོར་ལས་འདས་པར་ཕྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་དགའ་བོས་ལས་ཀྱི་གནས་ནས་མ་སྨྲས་པར་ཕྱིན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པའོ། །འདི་ལ་རྗེ་བཙུན་འདུལ་བ་སོགས་ལས། ལས་གྲལ་ནས་མ་སྨྲས་པར་འགྲོ་བའི་ལྟུང་བྱེད་ཀྱི་ཐ་སྙད་བྱེད་དོ། །
|