6967

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མིག
Tibetan Definition ལྟ་བྱེད། འདྲེན་བྱེད། འདྲེན་པ། མིག་ལ་འདྲེན་བྱེད་དམ་འདྲེན་པ་ཞེས་པ་ནི་དེའི་སྐད་དོད་ལ་གོ་དོན་མི་འདྲ་བ་ཡོད་པའི་དབང་གིས་ཡིན་ཏེ། རྗེའི་འགྲེལ་པ་བཞི་སྦྲགས་༥༠༦བ༥ལས། སྤྱན་གྱི་སྐད་དོད་འདྲེན་པར་བསྒྱུར་དུ་རུང་བས། ཞེས་གསུངས་སོ། །མིག་ལ་འདྲེན་བྱེད་དམ་འདྲེན་པ་ཞེས་པ་ནི་གོང་དུ་བཤད་པ་ལྟར་སྐད་དོད་ལ་འདྲེན་པ་སོགས་ཀྱི་གོ་དོན་ཡོད་མོད་ཀྱང་། བོད་སྐད་རང་གི་དབང་དུ་བྱས་ན་མིག་ལ་འདྲེན་བྱེད་དམ་འདྲེན་པ་ཞེས་བརྗོད་ཚུལ་མེད་དོ་སྙམ་མོ། །མིག་གི་དབང་པོ་དང་དོན་གཅིག སའི་དངོས་གཞི་༢བ༡ལས། མིག་གང་ཞེ་ན། གང་འབྱུང་བ་ཆེན་པོ་བཞི་པོ་དག་རྒྱུར་བྱས་པ་མིག་གི་རྣམ་པར་ཤེས་པའི་རྟེན་པོ་གཟུགས་དང་བ་སྟེ། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའོ། །ཞེས་གསུངས་སོ། །ཨི་ཁུང༌། གྲངས་གཉིས་ཀྱི་མིང༌། སྒྲ་བཤད་ནི། ཡུལ་ལ་དམིགས་པར་བྱེད་པས་ན་མིག་ཅེས་བྱའོ། །