6970

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མིག་གི་བདུད་རྩི
Tibetan Definition མིག་ལ་མངར་བའམ་འཐད་པ་དང་། མིག་ལམ་དུ་མཛེས་པ། ཡིད་ལ་འབབ་པའི་དོན་ཡིན། མངོན་བརྗོད་མཁས་པའི་རྣ་རྒྱན་དུ། གཟུགས་མཛེས་པའི་མིང་གི་རྣམ་གྲངས་བཤད་པའི་སྐབས། བལྟ་བས་མི་ངོམས་མིག་ལ་མངར། །ཞེས་མིག་ལ་མངར་ཞེས་པ་དང་། མིག་གི་བདུད་རྩི་ཞེས་གཉིས་དོན་འདྲ་བ་ཡིན། རྗེ་ཙོང་ཁ་པའི་རྟག་ཏུ་ངུའི་རྟོག་བརྗོད་ལས། སྐྱེ་བ་གཞན་དུ་སྦྱངས་པའི་བསོད་ནམས་མཐུས། །དེ་ཡི་ལུས་ནི་ཤིན་ཏུ་མཛེས་གྱུར་ཏེ། །འཆི་མེད་བུ་མོ་མངོན་སུམ་སྣང་བ་བཞིན། །ཆགས་ལྡན་སྐྱེ་བོའི་མིག་གི་བདུད་རྩིར་གྱུར། །ཅེས་གསུངས་པ་ལྟར་རོ། །