From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| མིང་གཞི
|
| Tibetan Definition
|
(བརྡ་སྤྲོད) སྔོན་རྗེས་གཉིས་ཀྱི་འཇུག་ཡུལ་དུ་གྱུར་པའི་ཡེ་གེ་ལ་ཟེར། ཚིག་སྐྱོན་བཅད་ནས་བཤད་ན། མཚན་ཉིད་ཟུར་དུ་སྔོན་རྗེས་གང་རུང་ཞེས་སྦྱོར་རོ། །དཔེར་ན་ “བསྐྱེད” ལྟ་བུར་མཚོན་ན། (བ) ཡིག་སྔོན་འཇུག་དང་། (ད) ཡིག་རྗེས་འཇུག (ས་ཀ་ཡ) གསུམ་མིང་གཞི་ཡིན་པ་བཞིན་ནོ། །སི་ཏུ་འགྲེལ་ཆེན་ལས། སྤྱིར་ནི་དེ་འདྲའི་མགོ་འདོགས་ཀྱི་ཡི་གེ་རྣམས་འཕུལ་ཡིག་གི་འཇུག་ཡུལ་ཙམ་ཡིན་པར་འདོད་པ་འགལ་བ་མེད་པར་མ་ཟད་ངེས་པར་ཁས་ལེན་དགོས་ཏེ། བསྐྱེད། ཅེས་པ་ལྟ་བུའི་བ་ཡིག་སྔོན་འཇུག་དང་ད་ཡིག་རྗེས་འཇུག་དང་ས་ཀ་ཡ་གསུམ་མིང་གཞིར་འགྱུར་ཞིང་། མིང་གཞི་དེ་གསུམ་ག་སྔོན་རྗེས་དེ་དག་གི་འཇུག་ཡུལ་ཡིན་པ་ཙམ་དུ་མཚུངས་པའི་ཕྱིར་ཏེ་མིང་གཞིའི་ཡི་གེ་ཡིན་ན་སྔོན་རྗེས་གཉིས་ཀའམ་གང་རུང་གི་འཇུག་ཡུལ་ཡིན་པས་ཁྱབ་པའི་ཕྱིར་རོ། །ཞེས་གསུངས་སོ། །མཚན་ཉིད་ཀྱི་ཟུར་དུ་གང་རུང་སྨོས་པ་ནི། འཕུལ་བྱེད་མེད་པའི་ཡི་གེ་རྣམས་གཅོད་དོ། །དཔེར་ན་“མིང” ལྟ་བུའོ། །སྒྲ་བཤད་ནི། གསེར་ཏོག་སུམ་འགྲེལ་༣༦ལས། མིང་གཞི་ཞེས་པ་མིང་གི་ཆེད་དུ་སྔོན་རྗེས་གཉིས་ཀྱི་འཇུག་ཡུལ་དུ་འགྱུར་བའི་གཞི་ཡིན་པའི་དོན་ཏེ། ཞེས་གསུངས་པ་ལྟར་རོ། །ཡང་ན། མིང་ཚིག་གང་ཞིག་འགྲུབ་པའི་གཞིའི་གཙོ་བོ་ཡིན་པས་ན་དེ་སྐད་ཅེས་བྱའོ། །
|