6992

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མིང་གཞིའི་ཕུང་པོ
Tibetan Definition (ཕར་ཕྱིན) གཟུགས་ཅན་མ་ཡིན་པའི་ཕུང་པོ་ལྷག་མ་བཞི་ལ་ཟེར། སྒྲ་བཤད་ནི། དེ་ལ་མིང་ཞེས་པ་ནི། ལས་ཉོན་གྱིས་བསྒོས་པས་སྐྱེ་བའི་གནས་དེ་དང་དེར་བཀྲི་བས་སམ་དོན་རྣམས་ལ་འདུ་ཤེས་ཀྱི་དབང་གིས་རྒྱུག་པས་ན་མིང་ངོ༌། །ཞེས་རྗེའི་རྩ་ཤེ་ཊཱིཀ་ཆེན་ན་གསལ། གཞན་ལ་མཛུབ་མོ་གཟུགས་པ་སོགས་ཀྱི་སྒོ་ནས་བསྟན་དུ་མེད་པར་མིང་ཙམ་གྱི་སྒོ་ནས་བསྟན་པར་བྱ་བ་ཡིན་པས་དེ་སྐད་ཅེས་བྱ། ཡང་འགའ་ཞིག་གིས། མིང་ཙམ་གྱི་སྒོ་ནས་བློ་ཡུལ་དུ་གཟུང་དགོས་ཀྱི་གཟུགས་རགས་པ་ལྟར་བློ་ཡུལ་དུ་གཟུང་དུ་མེད་པས་མིང་ཞེས་བཏགས་པ་ཡིན་ཟེར།