7011

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མིའམ་མིར་ཆགས་པ
Tibetan Definition (འདུལ་བ) མིའི་གནས་སྐབས་ལྔ་ནི། བྱིས་པ། གཞོན་ནུ། དར་ལ་བབས་པ། དར་ཡོལ། རྒན་པོའི་གནས་སྐབས་རྣམས་ཡིན་ནོ། །མིར་ཆགས་པའི་གནས་སྐབས་ལྔ་ (འདི་ལ་མངལ་གྱི་གནས་སྐབས་ལྔ་ཞེས་ཀྱང་བྱ) ནི། མེར་མེར་པོ། ནུར་ནུར་པོ། ལྟར་ལྟར་པོ། འཁྲང་འགྱུར། རྐང་ལག་འགྱུས་པའི་གནས་སྐབས་ཏེ་ལྔའོ། །དེ་རྣམས་ཀྱི་ཁྱད་པར་ནི། ༡ མེར་མེར་པོ་ནི། ཕ་མའི་མི་གཙང་བ་གཉིས་ཚོགས་ཤིང་དེར་རྣམ་ཤེས་ཞུགས་ནས་བདུན་ཕྲག་དང་པོ་ལ་མེར་མེར་པོ་སྟེ་ཕྱི་སྤྲིས་མ་ལྟ་བུས་གཡོགས་ལ་ནང་རླན་ཏེ་མེར་མེར་པོར་འདུག་པའོ། །༢ ནུར་ནུར་པོ་ནི། བདུན་ཕྲན་གཉིས་པ་ལ་ནུར་ནུར་པོ་སྟེ་ཞོ་ལྟ་བུར་འདུག་ལ་ཤར་མ་གྱུར་པའོ། །༣ ལྟར་ལྟར་པོ་ནི། བདུན་ཕྲག་གསུམ་པ་ལ་ལྟར་ལྟར་པོ་སྟེ་ཤར་ནི་གྱུར་ལ་སླ་བའོ། །༤ འཁྲང་འགྱུར་ནི། བདུན་བཞི་པ་ནས་འཁྲང་འགྱུར་ཏེ་བསྐ་བར་གྱུར་མནན་དུ་བཟོད་པའོ། །༥ རྐང་ལག་འགྱུས་པ་ནི། ཤག་ལྷག་ལྟ་བུར་གྱུར་ཏེ་ཡན་ལག་གི་མཚན་མ་བྱུང་བའོ། །རྐང་ལག་འགྱུས་པའི་གནས་སྐབས་ལ་མི་དང་མིར་ཆགས་པ་གཉིས་ཀ་ཡོད་པའང་མཚོ་ཊཱིཀ་ལས་གསུངས་སོ༦ བྱིས་པ་ནི། ཕྱིར་སྐྱེས་ནས་འགྲོ་མི་ནུས་པ་ཡན་ཆད་དོ། །༧ གཞོན་ནུ་ནི། འགྲོ་ནུས་ནས་འདོད་པ་སྤྱོད་མི་ནུས་པའོ། །༨ དར་ལ་བབ་པ་ནི། འདོད་པ་སྤྱོད་ནུས་པ་ནས་ལོ་སུམ་ཅུ་མན་ཆད་དོ། །༩ དར་ཡོལ་ནི། ལོ་སུམ་ཅུ་ཐལ་ནས་ལྔ་བཅུ་མན་ཆད་དོ། །༡༠ རྒན་པོ་ནི། ལོ་ལྔ་བཅུ་ཡན་ཆད་ལོན་པ་རྣམས་སོ། །