7039

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མུ་སྟེགས་ཅན་རབ་ཏུ་དབྱུང་བར་མ་གནང་བའི་རྒྱུ་མཚན
Tibetan Definition (འདུལ་བ) བཅོམ་ལྡན་འདས་ཀྱིས་མུ་སྟེགས་ཅན་རབ་ཏུ་དབྱུང་བར་མ་གནང་བའི་རྒྱུ་མཚན་ནི། དེ་དག་ལ་ལས་འབྲས་སོགས་མེད་པར་ལྟ་བའི་ཆད་ལྟ་དང་། དབང་ཕྱུག་སོགས་འཇིག་རྟེན་གྱི་བྱེད་པ་པོར་སྒྲོ་བཏགས་པའི་རྟག་ལྟ་ཡོད་པའི་ཕྱིར་རོ། །ལྟ་བ་དེ་དག་གིས་སྡོམ་པ་ལེན་པར་གེགས་བྱས་ཏེ་སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་ཡིན་ནོ། །འོ་ན་དེ་དག་རབ་ཏུ་བྱུང་ན་དགག་བྱ་ཅི་ཡོད་དམ་ཞེ་ན། སངས་རྒྱས་ཀྱི་བསྟན་པ་ལ་བསླུ་བྲིད་བྱེད་པའི་དགག་བྱ་ཡོད་པར་གསུངས་སོ། །མདོ་རྩ་བ་ལས། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་མུ་སྟེགས་ཅན་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་བྱའོ། །ཤཱཀྱ་དང་མེ་པ་རལ་པ་ཅན་མ་གཏོགས་པ་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །ཞེས་གསུངས་སོ། །