From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མུ་སྟེགས་རླུང་ཞགས་གྲུབ་པའི་གཏམ
|
Tibetan Definition
|
མུ་སྟེགས་རླུང་ཞགས་གྲུབ་པའི་གཏམ་ནི། ཇོ་བོའི་ཞལ་ནས། རྒྱ་གར་ན་མུ་སྟེགས་རླུང་གི་ཞགས་པ་གྲུབ་པ་བྱ་བ་ཞིག་ཡོད་པས། དེས་དབང་སྡུད་བྱས་པས་ཡུལ་མི་གཞན་ཐམས་ཅད་དབང་དུ་འདུས་པ་ལ། བྱིས་པ་ཞིག་དབང་དུ་མ་འདུས་ནས། བྱིས་པ་དེ་ལ་ཁྱོད་ང་ཅན་དུ་མི་ཡོང་བ་ཅི་ཡིན་ཞེས་བྱས་པས། བྱིས་པ་དེ་ན་རེ། ཁྱོད་ཀྱིས་གཞན་ཐམས་ཅད་ལ་དབང་སྡུད་ཐེབས་ཀྱང་གན་ལ་དབང་སྡུད་མ་ཐེབས་པ་ཡིན་ཟེར་བས། མུ་སྟེགས་ཁྲོས་ཏེ་རླུང་ཞགས་དེ་བྱིས་པ་དེ་ལ་བརྡེགས་པས་གནོད་པར་མ་ནུས། སྔར་གྱི་རླུང་གི་ཞགས་པ་དེ་བརྡེགས་ཚད་འཆི་བ་ཡིན་པ་ལ། ངའི་རླུང་ཞགས་ནུས་པ་ཉམས་སམ་སྙམ་ནས། ཁྱི་ཞིག་ལ་རླུང་ཞགས་དེ་བརྡེགས་པས་ཁྱི་དེ་ཤི། འོ་ན་བྱིས་པ་འདི་ལ་ཡོན་ཏན་ཞིག་ཡོད་སྙམ་ནས། བྱིས་པ་ཁྱོད་ལ་ཡོན་ཏན་ཅི་ཡོད་བྱས་པས། ང་ལ་གཞན་ཡོན་ཏན་ཅི་ཡང་མེད། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་པ་ཡིན་ཟེར་བས། མུ་སྟེགས་དེ་ཡང་དད་ནས་ནང་པའི་ཆོས་ལ་ཞུགས་པ་ཡིན། ཞེས་བཀའ་གདམས་གོང་མའི་གསུང་ལས་འབྱུང་ངོ་། །ཞེས་དབྱངས་ཅན་དགའ་བློའི་ལམ་རིམ་བརྡ་བཀྲོལ་ལས་བཤད་དོ། །
|