From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མེ་ཏོག་ཤང་ཤང༌
|
Tibetan Definition
|
(གསོ་རིག) ཇོ་བོ་རྗེ་བོད་ལ་ཕེབས་དུས་མེ་ཏོག་འདི་གཟིགས་ནས། མེ་ཏོག་འདི་རྒྱ་གར་ལ་མེད། ཡོད་ན་ངས་གསེར་སྤྲད་དེ་ཉོ་ཞེས་གསུངས་པའི་ལོ་རྒྱུས་ཡོད། མཁས་དབང་དུང་དཀར་བློ་བཟང་འཕྲིན་གྱིས། ཇོ་བོས་མཉེས་པོ་གནང་བའི་མེ་ཏོག་ཤང་ཤང་ནི་ཤང་དྲིལ་མེ་ཏོག་ཡིན་པ་འདྲ། དེ་ནི་སྤང་གཤོངས་དང༌། ན་ག་ཡོད་སའི་ཆུ་འགྲམ་ལ་སྡོང་པོ་ཡལ་ག་མེད་པ་འདྲོངས་པོ་འཇམ་སང་དང་མེ་ཏོག་གསེར་གྱི་དྲིལ་བུ་ཁ་སྦུབ་པ་འདྲ་བ་ཞིང་ཡོང༌། ཞེས་གསུངས་ཀྱང་། དོགས་གཅོད། གལ་ཏེ་དུང་དཀར་རིན་པོ་ཆེས་གསུངས་པ་དེ་བདེན་ན། ཤང་དྲིལ་མེ་ཏོག་ནི་དབྱིན་སྐད་དུ་Primula Sikkimensis ཟེར་བའི་མེ་ཏོག་སེར་པོ་ཞིག་ཡོད་པ་དེ་ཡིན་པར་བཤད་ལ། དེ་ནི་མཛེས་སྡུག་དང་རིན་ཐང་གང་གི་ཆ་ནས་ཀྱང་གསེར་སྤྲད་ནས་ཉོ་རིན་ཆོག་པའི་མེ་ཏོག་ཅིག་ཏུ་མ་མཐོང་ངོ་། །དེ་ལ་ད་དུང་དཔྱད་དགོས་པ་འདུག་གོ།
|