From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མེ་ལ་རེག་པའི་ལྟུང་བྱེད
|
Tibetan Definition
|
(འདུལ་བ) འབའ་ཞིག་པ་དགུ་བཅུའི་ང་གཉིས་པ། མེ་ལ་རེག་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་བུད་ཤིང་གི་ཡུལ་ཅན་མེ་ཡོངས་སུ་རྫོགས་པ་ལ་དུས་དྲན་མ་བྱས་པར་རེག་གམ་རེག་ཏུ་བཅུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། རྒྱལ་པོའི་ཁབ་ཏུ་དྲུག་སྡེས་མེ་ལ་རྩེ་ཞིང་རེག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དགེ་སློང་གིས་ཟས་ཀྱི་གཡོས་བྱེད་པ་ལ་སོགས་པ་ཞུགས་ན་རྣམ་པར་གཡེང་ཞིང་དོན་དང་བྱ་བ་མང་བ་སྟེ། དེའི་མཐའ་དགག་པའི་ཕྱིར་མེ་ལ་རེག་བཀག་པ་སྟེ་རྗེན་འཚོད་བཀག་པ་བཞིན་ནོ། །
|