From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མེ་ཤེལ
|
Tibetan Definition
|
(གསོ་རིག) ཁ་དོག་དཀར་ལ་རང་གི་འོད་ལས་མེ་འབྱུང་བའི་ཤེལ་ཞིག དྲི་མེད་ཤེལ་ཕྲེང་༩༢ལས། མེ་ཤེལ་གྲང་བའི་ནད་དང་གཟའ་རྣམས་འཇོམས། །ཞེས་པ། སཱུརྫ་ཀནྟིའམ། སཱུརྱ་ཀནྟི་ཞེས་བྱ་བ་སྟེ། ཁ་དོག་ཤིན་ཏུ་དཀར་ལ་རང་གི་འོད་ལས་དེ་མ་ཐག་ཏུ་མེ་འབྱུང་བ་ཡིན། ཡུལ་ལྷོ་ཕྱོགས་མཎྚལའི་ཡུལ་དང་། ཀསྨིར་ལ་སོགས་པའི་རྡོའི་བྱེ་བྲག་ལས་བྱུང་ལ་རིན་ཚད་ནི་དངུལ་ཞོ་གང་ལ་རྡོག་པོ་བཅུ་བྱེད་པ་ཡིན། ད་ལྟ་རྒྱ་ནག་ནས་བཟོས་པའི་ཤེལ་འོད་ལ་མེ་འབར་བ་འབྱུང་བས་ཀྱང་ཚབ་རུང་ལ། དེ་ནི་བཟོས་པའི་རྟགས་སུ་ནང་དུ་སྦུ་བ་ཁྲ་ཙག་ཙིག་ཡོད་དོ། །ཞེས་གསུངས། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས་ཀྱང་། ཉི་མ་དང་མཐུན་ཞིང་འཕྲོད་པས་ན་ནོར་བུ་མེ་ཤེལ་ཏེ་ཉི་མའི་འོད་དང་ཡང་དག་པར་འབྱོར་པ་ན་མེ་འབྱིན་པར་བྱེད་པའི་ཕྱིར་རོ། །ཞེས་གསུངས་སོ། །
|