7100
Jump to navigation
Jump to search
མེན | |
Tibetan Definition | (ཡུལ་སྐད) མེན་དང་མན་གཉིས་མིན་གྱི་ཡུལ་སྐད་ཡིན། དཔེར་ན་འགྲོ་གི་མེན། འགྲོ་གི་མན། མཁས་གྲུབ་རིན་པོ་ཆེའི་གསུང་ཐོར་བུ་«སྨྲ་བ་རྣམ་པར་ངེས་པ་རབ་དཀའི་འཇུག་པ»༣༡བ༣ལས། ཡིན་པའི་ཟླ་བོ་མིན་པ་ཞེས། །བརྗོད་བྱ་མེན་དང་མན་ཞེས་པ། །ཡུལ་སྐད་གྲོང་པའི་བླུན་ཚིག་ཡིན། །ཞེས་གསུངས། འོན་ཀྱང་ཐ་སྙད་འདི་ཡིག་སྐད་ཚད་ལྡན་དུ་བེད་སྤྱོད་བྱས་པའང་ཡོད་དེ། དཔེར་ན་བ་མེན་ཞེས་པ་ལྟ་བུའོ། ། |
---|