7108

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མེལ་ཚེ
Tibetan Definition 2 མཚན་མོ་གཉིད་མེད་པའི་སྐྱེས་བུའི་མིང་དུའང་བཤད། མི་རྟག་པའི་ཚོམས་ལས། མེལ་ཚེ་བྱེད་ལ་མཚན་མོ་རིང་། །ཞེས་པའི་ཐད་ཀྱི་འགྲེལ་པ་༼ ཏུ ༽༧༣ན༣ ལས། རྒྱལ་པོ་གསལ་རྒྱལ་གཉིད་མེད་པ་དང་འགྲོན་པོའི་སྐྱེས་བུ་དུབ་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་འདི་གསུངས་སོ་ཞེས་སོ། །ཞེས་དང་། མེལ་ཙེ་བྱེད་ལ་ཞེས་བྱ་བ་སྨོས་ཏེ་གཉིད་མི་ཐོབ་པའི་སྐྱེས་བུའོ། །ཞེས་གསུངས་པ་ལྟར་རོ། །མེལ་ཚེ་བྱེད་ལ་མཚན་མོ་རིང་། །ཞེས་པ་ནི། གཉིད་མི་འོངས་ལ་མཚན་མོ་རིང་། །ཞེས་པའི་དོན་ཡིན་ནོ། །