7119

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མོ་མཚན
Tibetan Definition མོ་རུ་མཚོན་བྱེད་ཀྱི་རྟགས། སྟུ། མིང་གི་རྣམ་གྲངས་ནི། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། བྷ་ག་སྐྱེ་གནས་གཉིས་དགའི་ཁྱིམ། །ཆུ་མ་ཉེར་གནས་མོའི་རང་བཞིན། །མཚམས་མིན་རྟེན་དང་བརྗོད་བྱའི་ཕྱོགས། །སྐྱེ་འཛིན་དགའ་བའི་བུ་ག་དང་། །དྲན་པའི་ཁྲོན་པ་རྨོངས་པར་བྱེད། །བུ་གནས་གྲོང་ཁྱེར་སྲིད་པ་བྱེད། །མྱོས་བྱེད་པདྨ་ཆོས་འབྱུང་དང་། །བྱེད་པའི་ཡན་ལག་སྲིད་པའི་ལམ། །གསང་བའི་འཁོར་ལོ་ལམ་མི་ཟ། །ཨི་གསང་མཁའ་ནང་སྟྲཱི་ལིངྒ་། །མེ་ཏོག་ལམ་དང་རྡུལ་གྱི་ལམ། །མོ་རྟགས་རྣམས་ནི་མོ་མཚན་ནོ། །ཞེས་གསུངས།