7120

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མོ་རྟགས
Tibetan Definition <སྟྲཱི་ལིངྒ> 1 མོ་མཚན་གྱི་མིང་སྟེ། མོ་ཡིན་པ་མཚོན་བྱེད་ཀྱི་རྟགས་ཞེས་པའོ། །ནུ་མ་དང་། སྐེད་པ་ཕྲ་བ་དང་། སྐད་ཕྲ་བ་སོགས་ཀྱང་ངོ་། །2 དགག་སྒྲ། དཔེར་ན་མ་མི་མིན་མེད་ལྟ་བུའོ། །དེ་ཡང་སྟྲཱི་ལིངྒ་སྟེ། དེ་ཡང་སྟྲཱི་ནི་མོ་དང་ལིངྒ་རྟགས་ཡིན་པས། མོ་རྟགས་ཞེས་བྱ་བ་སྟེ་དགག་སྒྲའི་དོན་ནོ། །སུམ་ཅུ་པའི་རྩ་བ་ལས། གང་མིང་བརྗོད་པའི་ཡ་མཐའ་ན། །སྟྲཱི་ལིངྒ་ཡི་སྒྲ་མེད་པ། །དེ་ལ་སྟྲཱི་ལིངྒ་སྦྱར་ན། །དགག་པའི་སྒྲ་རུ་ཤེས་པར་བྱ། །ཞེས་དང་། དེའི་ཐད་ཀྱི་སི་ཏུ་འགྲེལ་ཆེན་ལས། གང་ཡང་རུང་བའི་མིང་བརྗོད་པའི་ཡ་མཐའ་སྟེ་ཐོག་མ་རུ་སྟྲཱི་ལིངྒ་སྟེ། མོ་རྟགས་ཀྱི་སྒྲ་མེད་པ་རྣམས་ལ་སྟྲཱི་ལིངྒའི་སྒྲ་སྦྱར་བ་བྱས་པ་ན་སྦྱོར་ཡུལ་གྱི་དོན་དེ་མ་ཡིན་པའམ་མེད་པར་སྟོན་པའི་ཕྱིར་དགག་པའི་གནས་སུ་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །