From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མོན་སྲན་རྡེའུ
|
Tibetan Definition
|
<མཱུངྒ> གང་བུ་ཅན་གྱི་རྒྱ་གར་གྱི་སྲན་མའི་བྱེ་བྲག་ཁ་དོག་ལྗང་ཁུ་ཞིག་གི་མིང་། ལེགས་སྦྱར་དུ་མཱུངྒ་ “मूँग ” ཟེར་ཞིང་། བྱེ་བྲག་རྟོགས་བྱེད་ཆེན་པོ་༨༣ན༦ནའང་གསལ། ཕྱི་རྒྱལ་བས་ཡོངས་གྲགས་སུ་mung bean དང་Phaseolus radiatus ཟེར་བ་དེའོ། །འགྲེལ་པ་ཟླ་ཟེར་༦༨བ༥ལས་ཀྱང་། མོན་སྲན་སྡེའུ་ནི་སྲན་མཱུངྒའོ། །ཞེས་གསུངས་སོ། །བོད་རྒྱ་ཚིག་མཛོད་ཆེན་མོར། མོན་སྲན་རྡེའུ་ཞེས་པ་མོན་ཡུལ་ནས་ཐོན་པའི་སྲན་མའི་བྱེ་བྲག་ཅིག་ཡིན་པར་བཤད་མོད། དོན་ལ་མོན་སྲན་ཞེས་པའི་མོན་ནི་ལེགས་སྦྱར་གྱི་མཱུངྒ་ཞེས་པའི་མཱུང་ཉིད་ཟུར་ཆག་པ་ཡིན་ཏེ། མཱུང་སྲན་ཟེར་རྒྱུ་ཡིན་པ་ལ། མོན་སྲན་ཞེས་ཟུར་ཆག་པར་སེམས་སོ། །
|