7135

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མོའི་དབང་པོ
Tibetan Definition མོའི་དབང་པོ་ཞེས་པ་མོ་མཚན་ལ་གོ་བ་ཤས་ཆེ་ཡང་། ནུ་མ་ཆེ་བ་ལ་སོགས་པའི་གཞན་ལ་ཡང་གོ་སྟེ། མཆིམས་མཛོད་༡༠༣ལས། མོའི་དབང་པོ་ནི་ནུ་མ་ཆེ་བ་ལ་སོགས་པ་དང་ང་རོ་ཆུང་བ་དང་བསམ་པ་ཞན་པ་དང་ཕོ་ལ་སེམས་པ་ལ་སོགས་པ་ཉིད་ལ་དབང་བྱེད་པ་དང་། ཞེས་གསུངས་སོ། །