From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཽད་གལ་གྱི་བུ
|
Tibetan Definition
|
(འདུལ་བ) <མོངྒལྱཱནཿ> སྟོན་པའི་མཆོག་ཟུང་གི་ཡ་གྱལ་ཏེ། རྫུ་འཕྲུལ་གྱི་མཆོག་མོའུ་དགལ་གྱི་བུའོ། །མོའུ་དགལ་གྱི་རིགས་ཀྱི་བུ་ཡིན་པས་དེ་ལྟར་དུ་བརྗོད། འདིའི་མིང་ལ་པང་ནས་སྐྱེས་ཟེར་རོ། །མོའུ་དགལ་གྱི་བུ་ཀུན་ཏུ་རྒྱུ་དབྱུག་ཐོགས་སྤྱི་ཕུད་རྣམས་ཀྱིས་བཀྲོངས་ཚུལ་ལུང་ཕྲན་ཚེགས་ཀྱི་གཞི་༼ ཐ་པ ༽༢༣༧བ་༢ན་བཞུགས་སོ། །མཆོག་ཟུང་གི་ལོ་རྒྱུས་སྡེ་དགེ་བཀའ་འགྱུར་འདུལ་བ་ལུང་གཞི་གླེགས་བམ་༼ ཀ་པའི ༽༡༥ན༧ན་བཞུགས་ཤིང་། འཕགས་པ་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། མདོ་སྡེ་༼ ན ༽༡༨༧བ༢ན་བཞུགས་སོ། །
|