From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མྱ་ངན་ལས་འདས་པའི་མདོ་ཆུང་བ
|
Tibetan Definition
|
འཕགས་པ་མྱ་ངན་ལས་འདས་པའི་མདོ་ཆུང་བ་ཞེས་བྱ་བ་ཤློ་ཀ་དྲུག་ཅུའི་བདག་ཉིད་ཅན་ཞིག བཀའ་འགྱུར་མདོ་སྡེ་༼ ཐ ༽༡༥༡ན༤ན་མྱ་ངན་ལས་འདས་པ་ཆེན་པོའི་མདོའི་མཇུག་ཏུ་བཞུགས་སོ། །མཚན་འདི་ཕྱིས་དཀར་ཆག་འབྲི་བ་པོས་བཏགས་པར་ངེས་ཤིང་། མཚན་དངོས་ནི། བོད་སྐད་དུ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་དང་། རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་པ་རི་ནིར་བཱ་ཎ་སཱུ་ཏྲ་ཞེས་བྱའོ། །འདི་ལ་ངོས་ཤོག་གསུམ་ལྷག་ཙམ་ཡོད། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཏོ། །
|