From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མྱོང་ངེས་ཀྱི་ལས
|
Tibetan Definition
|
བྱས་བསགས་གཉིས་ཀ་ཚང་བའི་ལས་ལ་མྱོང་ངེས་ཀྱི་ལས་ཟེར། དེ་ཡང་བསམས་བཞིན་དུ་བྱས་པ་དང་བསགས་པ་གཉིས་ཀ་ཚང་དགོས། བྱས་པའི་ལས་ནི། བསམས་པའམ་བསམས་ནས་ཀྱང་ལུས་དང་ངག་གིས་ཀུན་ནས་བསླངས་པ་གང་ཡིན་པའོ། །བསགས་པ་ནི་ལས་རྣམ་པ་བཅུ་མ་གཏོགས་པའི་ལས་གང་ཡིན་པའོ། །ལས་རྣམ་པ་བཅུ་གང་ཞེ་ན། རྨི་ལམ་དུ་བྱས་པ་དང༌། མ་ཤེས་པར་བྱས་པ་དང༌། བསམས་བཞིན་མིན་པར་བྱས་པ་དང༌། དྲག་པོ་དང་རྒྱུན་ཆགས་མིན་པར་བྱས་པ་དང༌། ནོར་ནས་བྱས་པ་དང༌། བརྗེད་ནས་བྱས་པ་དང༌། མི་འདོད་བཞིན་དུ་བྱས་པ་དང༌། རང་བཞིན་གྱིས་ལུང་དུ་མ་བསྟན་པ་དང༌། འགྱོད་པས་བསལ་བ་དང༌། གཉེན་པོས་བསལ་བ་སྟེ་བཅུའོ། །སའི་དངོས་གཞི་དང་ལམ་རིམ་དུ་གསུངས་པ་ལྟར་བཀོད།
|