7173

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མྱོང་སྣང༌
Tibetan Definition 2 མྱོང་བ་བློ་དང་སྣང་བ་ཡུལ། རྗེའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས། ཁྱོད་ཀྱིས་མངོན་དུ་མཛད་པ་དེ་ཡིས་མཐུས། །སྒྱུ་མ་ལྟ་བུའི་ཡུལ་གྱི་སྣང་བ་དང༌། །རྨི་ལམ་ལྟ་བུའི་གསལ་ཞིང་རིག་པའི་བློ། །མྱོང་སྣང་མ་ལུས་ཆོས་ཀྱི་དབྱིངས་སུ་ཞུགས། །ཞེས་གསུངས་པ་ལྟར་རོ། །འཕགས་བསྟོད་ལས། ག་བུར་ཙན་དན་ཨུ་ཤིར་ལ་སོགས་ཆབ་ཀྱིས་སྦངས་པ་ལྟར་བསིལ་བའི། །ཞི་བའི་གཟིགས་སྟངས་ནམ་ཡང་མི་འཛུམ་རིགས་དྲུག་སྤྱན་རས་བཙའ་མོད་ཀྱི། །མྱོང་སྣང་སྤྲོས་པ་ཆོས་ཀྱི་དབྱིངས་སུ་ཉེ་བར་ཞི་བའི་དགོངས་པ་ནི། །བདེ་བ་མཆོག་གིས་རྟག་ཏུ་འཁྱུད་བཞིན་གཡོ་བ་མེད་ལ་ཕྱག་འཚལ་ལོ། །ཞེས་གསུངས།