From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཙནྡན
|
Tibetan Definition
|
(ལེགས་སྦྱར) བོད་སྐད་དུ་བསྒྱུར་ན་ཚིམ་བྱེད་དམ་འབར་བྱེད་དེ་དྲི་ཞིམ་པོའི་ཤིང་ཞིག ཙན་དན་དང་དོན་འདྲ། རྒྱ་གར་གྱི་ཡུལ་སྐད་ལ་ཅནྡན་ཟེར། རྒྱ་གར་ལྷོ་ཕྱོགས་ནི་འཛམ་གླིང་ནང་ཙན་དན་གྱི་ཐོན་ཁུངས་ཆེ་ཤོས་སུ་སྣང་ཞིང་ཧ་ཅང་འབོལ་པོ་ཡོད། ངེད་རང་ལོ་ན་ཆུང་ཆུང་སྐབས་མོན་གྷོ་ཊིའི་གཞིས་ཆགས་སུ་ཞིང་ཁའི་ནང་ཙན་དན་མང་པོ་རྙེད་རྒྱུ་ཡོད་ཅིང་། སེ་རའི་ཉེ་འཁོར་གྱི་ནགས་གསེབ་ཏུ་ཙན་དན་གྱི་ལྗོན་གསར་མང་པོ་ཡོད། ལོ་མང་ས་འོག་ཏུ་ལུས་ནས་རྙིང་པ་ཆགས་པ་རྣམས་ལ་མ་གཏོགས་ལྗོན་ཤིང་རྣམས་ལ་དྲི་མ་མི་འོང༌། སྐབས་རེར་གྲྭ་པས་བུད་ཤིང་དང་ནོར་ཏེ་ཙན་དན་བུས་ནས་གྲྭ་ཚང་གི་རུང་ཁང་ནང་ཙན་དན་གྱི་དྲི་མ་མངར་སིང་ངེ་བས་ཁྱབ་ནས་སྡོད་པའང་ལན་མང་དུ་འབྱུང་ངོ་། །རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་མེ་སོར་གྱི་ཁྲོམ་རའི་ཚོང་ཁང་ནང་ཙན་དན་གྱིས་བཟོས་པའི་ཕྲེང་བ་དང་སྐུ་འདྲ་སོགས་མང་པོ་ཉོ་སྒྲུབ་བྱེད་རྒྱུ་ཡོད། དེ་དག་ལས་མང་ཆེ་བ་ནི་ཙན་དན་གྱི་དྲི་བྱུགས་པའི་དངོས་རྫས་བརྫུས་མ་ཡིན། ཡང་ཚོང་ཁང་འགའ་རེའི་ནང་ངོ་མ་ཡང་རེ་གཉིས་ཡོད་ཚོད་འདུག ཙནྡན་ཞེས་པ་བོད་སྐད་དུ་བསྒྱུར་ན་ཚིམ་བྱེད་ཅེས་པའི་དོན་ཡིན་པར། དབྱངས་ཅན་དགའ་བློ་གསུང་ངོ་། །
|