From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཙནྡན་གོ་ཤིརྵ
|
Tibetan Definition
|
(ལེགས་སྦྱར) ཙན་དན་དཀར་པོའི་མིང་གི་རྣམ་གྲངས་ཤིག་སྟེ། བོད་སྐད་དུ་བསྒྱུར་ན་ཙན་དན་ས་མཆོག་གམ་བ་ལང་མགོ་ཞེས་བྱ་སྟེ། པཎྜི་ཏ་རབ་འབྱོར་ཟླ་བས་མཛད་པའི་མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་ལས། གོ་ཤིརྵ་ས་མཆོག་གམ་བ་ལང་མགོ་ཞེས་བྱ་སྟེ། བ་ལང་མགོ་ཡི་རྣམ་པ་ཅན། །མ་ལ་ཡ་ཡི་ཕྱོགས་སུ་སྐྱེ། །ཞེས་གསུངས། གོ་ཤིརྵ་པ་ནི་རི་ཞིག་དང་། དེར་སྐྱེས་པའི་ཙན་དན་གྱི་མིང་སྟེ། མདོ་དྲན་པ་ཉེར་གཞག་༼ ཤ་པ ༽༢༠༤བ༡ལས། གོ་ཤིརྵ་པ་ཞེས་བྱ་བ་ནི་རི་དེའི་ལྷན་ཅིག་སྐྱེས་པའི་མིང་ཡིན་ནོ། །དེའི་ཙན་དན་ཡང་གོ་ཤིརྵ་པའི་མིང་ཡིན་ནོ། །ཞེས་གསུངས་སོ། །
|