From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཙམ་པ
|
Tibetan Definition
|
(ལེགས་སྦྱར) རྒྱ་གར་གྱི་གནའ་བོའི་གྲོང་ཁྱེར་ཆེན་པོ་དྲུག་གི་ཡ་གྱལ་ཞིག སྒྲ་བཤད་ནི། ཀླུའི་རྒྱལ་པོ་ཙམ་པའི་གནས་ཀྱི་དྲུང་གྲོང་ཁྱེར་བརྩིགས་པའམ། ཡང་ན་ཤིང་ཙམ་པ་ཀའི་ཚལ་དུ་བརྩིགས་པས་དེ་ལྟར་བཏགས་སོ། །འདུལ་བ་ལུང་གཞི་རྒྱ་ཆེར་འགྲེལ་ལས་གསུངས་པ་ལྟར་རོ། །གྲོང་ཁྱེར་ཙམ་པ་ནི་ཨངྒའི་གྲོང་ཁྱེར་གྱི་གཙོ་བོ་ཡིན་པར། འདུལ་བ་གཞི་རྒྱ་ཆེར་འགྲེལ་གློགས་བམ་དང་པོའི་ནང་གསལ་ལོ། །ཨངྒ་ནི་ཝི་ཧཱར་མངའ་སྡེའི་ཤར་ཕྱོགས་ལ་ཡོད་ཅིང་། དེང་སང་Bhagalpur ཞེས་པའི་རྫོང་དེ་ཡིན་པར་འགའ་ཞིག་གིས་ངོས་འཛིན་པར་བྱེད་དོ། །
|