7200

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཙཱ་རི་ཏྲ
Tibetan Definition (ལེགས་སྦྱར) 1 “ཤྲཱི་པརྦ་ཏ” འམ་ལྷོ་ཕྱོགས་ “དཔལ་གྱི་རི” ཞེས་བྱ་བ་དེ་ཙཱ་རི་ཏྲ་ཡིན་པར། དཔའ་བོ་གཙུག་ལག་ཕྲེང་བས་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་གསུངས་འདུག གོང་དུ་ཙཱ་རི་ཞེས་པའི་ཐད་དུ་གཟིགས། དེ་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས། ཙཱ་རི་ཏྲ་ཞེས་བྱ་བའི་ཡུལ། །ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་ཡོད། །ཅེས་གསུངས་པ་དང་ཡང་འགྲིག་གོ། 2 སྤྱོད་པ།