7215

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཙེན་མིན
Tibetan Definition <རྒྱ> 1 ཙེན་མིན་ཞེས་པ་རྒྱ་ནག་གི་སྐད་དུ་རིམ་གྱིས་པའི་དོན་དུ་བཤད། བེའུ་འགྲེལ་ལས། སྔོན་གྱི་དུས་སུ་སྟོང་ཉིད་བསྒོམ་པ་ལ་སྟོན་མིན་ཅིག་ཅར་འཇུག་པ་དང་། ཙེན་མིན་རིམ་གྱིས་འཇུག་པ་གཉིས་བྱུང་སྟེ། ཞེས་གསུངས་པ་ལྟ་བུ། རྒྱའི་སྐད་དུ་ཅིག་ཅར་བ་ལ་སྟོན་མིན་དང་། རིམ་གྱིས་པ་ལ་ཙེན་མིན་ཟེར་བར་བཤད། 2 <རྒྱ> སྔར་ཁྲི་སྲོང་ལྡེའུ་བཙན་དུས་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་ཧྭ་ཤང་མཧཱ་ཡ་ན་རྩོད་སྐབས་ཀ་ཤིས་སྤེལ་བའི་སངས་རྒྱས་ཀྱི་གྲུབ་མཐའ་ཞིག་གི་མིང་དུ། བོད་རྒྱ་ཚིག་མཛོད་ཆེན་མོར་བཤད། བོད་རྒྱ་ཚིག་མཛོད་ཆེན་མོར། རྩེན་མིན་ཞེས་ཀྱང་སྣང་།