From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚ་ཁོ་དབོན་ངག་དབང་གྲགས་པ
|
Tibetan Definition
|
ཚ་ཁོ་མཁན་ཆེན་ངག་དབང་གྲགས་པ་ཡང་ཟེར། ཁམས་རྒྱལ་མོ་རོང་དུ་ཚ་ཁོ་རྒྱལ་པོའི་རིགས་སུ་སྐུ་འཁྲུངས། འདི་རྗེ་ཙོང་ཁ་པའི་དངོས་སློབ་སྨད་ཀྱི་ངག་དབང་གྲགས་པ་ཞེས་པ་ལམ་གཙོ་རྣམ་གསུམ་གདམས་ཡུལ་དང༌། རྗེ་བདག་ཉིད་ཆེན་པོར་འཇིགས་བྱེད་དཔའ་བོ་གཅིག་པའི་མངོན་རྟོགས་མཛད་པར་སྐུལ་བ་པོ་ཡང་ཡིན། ཁམས་ཕྱོགས་སུ་འཕྲིན་ལས་ཆེ་ཞིང་དགོན་པ་ཁྱད་པར་ཅན་ལྔ་བཏབ། དེ་དག་ཏུ་མདོ་སྔགས་ཀྱི་འཆད་ཉན་དང་འདུལ་བའི་བསླབ་ཁྲིམས་རྣམ་དག་འཛུགས་པར་མཛད། འགའ་ཞིག་གིས་དགོན་པའི་གྲངས་འདི་ལས་མང་བ་ཡང་བཏབ་པར་བཤད་ལ། ད་ལྟ་རྒྱལ་རོང་ཁུལ་དུ་ཡོད་པའི་ད་ཚང་དགོན་པ་ཞེས་པ་འདི་དགོན་པ་བཏབ་རྒྱུའི་གྲངས་ཚང་བའི་མཐའ་མ་དེ་ལ་ད་ཚང་ཞེས་འདོགས་པར་མཛད་པ་ཡིན་ཞེས་ཟེར་རྒྱུན་ལ་ཡོད་པར་གྲགས། རྗེའི་རྣམ་ཐར་ཆེན་མོ་སོགས་ལ་གཞི་བཅོལ།
|