7257

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚངས་པ
Tibetan Definition <བྲཧྨ> 1 མུ་སྟེགས་པའི་ལྷ་ཚངས་པ། 2 ཐར་པ། མྱང་འདས། དཔེར་ན་གྲོགས་ཚངས་པར་མཚུངས་པར་སྤྱོད་པ་ཞེས་པ་ལྟ་བུ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༩༥ན༤ལས། ཚངས་པ་ནི་སྡིག་པ་ཐམས་ཅད་སྤངས་པའི་མྱ་ངན་ལས་འདས་པ་ལ་བྱ་སྟེ། མདོ་ལས་ཀྱང་། ཚངས་པར་གྱུར། བསིལ་བར་གྱུར་ཅེས་གསུངས་པའི་ཕྱིར་རོ། །ཞེས་གསུངས། ཚངས་པའི་གོ་དོན་ཐམས་ཅད་གཙང་མའི་དོན་ཡོད། 3 ཁམས་གོང་མ་གཉིས། སྒྲ་ཡངས་པའི་དབང་དུ་བྱས་ན། ཚངས་པའི་སྒྲ་ཁམས་གོང་མ་གཉིས་ལའང་འཇུག་པར་བཤད་དེ། དཔེར་ན་ཁམས་གོང་མར་བགྲོད་པར་བྱེད་པའི་ལམ་ལ། ཚངས་པའི་ཐེག་པ་ཞེས་པ་ལྟ་བུ། སྒྲ་བཤད་ནི། སྤྱིར་བཏང་ཚངས་པ་ཞེས་པ་གཙང་བའི་དོན་ཡིན་པས་ཉོན་མོངས་པའི་དྲི་མས་དག་པས་ན་གཙང་བའམ་ཚངས་པ་ཞེས་བྱ་སྟེ། ཚངས་པ་སྟེ་ཤིན་ཏུ་དག་པའི་མྱང་འདས། ཞེས་རྗེ་བདག་ཉིད་ཆེན་པོའི་འདོད་འཇོ་ལས་གསུངས་པ་ལྟར་རོ། །4 གཙང་མ།