7312

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚི་གུ
Tibetan Definition (ཕར་ཕྱིན) 1 ཤིང་འབྲས་ཀྱི་ནང་རུས། ཁམ་བུའི་ཚི་གུ་ལྟ་བུ། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ཚི་གུ་ནི་རུས་པ་ལ་བྱའོ། །ཞེས་གསུངས། 2 ཚི་གུའི་ནང་གི་སོན་དང་འབྲས་བུའི་སྙིང་པོ་ལའང་ཚི་གུ་ཟེར། ལི་ཤིའི་གུར་ཁང་ལས། ཚིག་གུ་ནི་འབྲས་བུའི་སྙིང་པོ་ཞེས་གསུངས་པ་ལྟར་རོ། །འདི་ལ་ཚི་གུའི་ནང་སྙིང་ཡང་ཟེར། ལྕང་སྐྱ་རོལ་པའི་རྡོ་རྗེས་ཀྱང་། ཚི་གུ་འབྲས་བུ་ལ་བཤད། 3 ཤུག་པ་སོགས་ཀྱི་རྩེར་སྐྱེས་པའི་ཕྲེང་རྡོག་གི་ཚོད་ཙམ་པའི་ཤིང་འབྲུའི་མིང་། རྒྱ་ཤུག་ཚི་གུ་ཞེས་པ་ལྟ་བུ། རྒྱ་ཤུག་ཚི་གུ་ལ་དོགས་གཅོད་ཡོད་པས། རྒྱས་པར་རྒྱ་ཤུག་ཅེས་པའི་ཐད་དུ་གཟིགས།