From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚིག་ཕྲད
|
Tibetan Definition
|
(བརྡ་སྤྲོད) རང་སྟོབས་ཀྱིས་དོན་མི་སྟོན་ཅིང༌། མིང་ཚིག་གི་ཐོག་མཐའ་བར་གསུམ་གང་རུང་དུ་སྦྱར་ན་མཚམས་སྦྱོར་བ་དང༌། དོན་གསལ་བ་ལ་ཕན་འདོགས་པའི་སྒྲའི་རྣམ་པ་ཞིག དེ་ལ་ (ཕྲད་གཞན་དབང་ཅན་ནི) སླར་བསྡུ། ལ་དོན། བྱེད་སྒྲ། འབྲེལ་སྒྲ། རྒྱན་སྡུད། ལྷག་བཅས། འབྱེད་སྡུད། ཚིག་ཕྲད་ཞིང་སོགས། ཚིག་ཕྲད་ཀྱིན་སོགས། (ཕྲད་རང་དབང་ཅན་ནི) ནི་སྒྲ། དང་སྒྲ། དེ་སྒྲ། གང་སྒྲ། བདག་སྒྲ། དགག་སྒྲ་རྣམས་དང༌། འབྱུང་ཁུངས། བོད་སྒྲ་བཅས་སོ། ། (ཐོག་སོགས་ཀྱི་ཚིག་ཕྲད) ཐོག ཁར། ཁ་རུ། (དེ་ནས་སོགས་ཀྱི་ཚིག་ཕྲད) དེ་ནས། དེ་མཚུངས། དེ་བཞིན། (ཟད་སོགས་ཀྱི་ཚིག་ཕྲད) ཟད། མ་ཟད། ལྟ་ཅི། ལྟ་ཅི་སྨོས། ལྟ་སྨོས་ཀྱང་ཅི་དགོས། ལྟ་ཞོག (རུང་སོགས་ཀྱི་ཚིག་ཕྲད) རུང་སྒྲ། མོད་སྒྲ། འོན་ཀྱང་ལྟ་བུ། (ཡང་ན་ཚིག་ཕྲད་རྐྱང་པ་དང༌། འདུས་པའི་ཚིག་ཕྲད་ཀྱི་ཐ་སྙད་ཀྱང་བྱ་རུང་སྟེེ) (ཚིག་ཕྲད་རྐྱང་པ་ནི) གང༌། ཅི། དེ། འདི། སུ། ཡང༌། ནམ། སླར། འོ་ན། ལ་ལ། ཇི་ཞེས་པ་ལྟ་བུ་རྣམས་སོ། ། (འདུས་པའི་ཚིག་ཕྲད) འདི་ལྟར། འདི་སྐད། ཇི་སྐད། ཇི་སྙེད། ཇི་ལྟར། གང་དག དེ་དག གང་རྣམས། དེ་རྣམས། དེ་སྙེད། ཅི་ནས་ཀྱང་ཞེས་པ་ལྟ་བུ་ཚིག་ཕྲད་འགའ་མཉམ་དུ་འདུས་པ་སོགས་མཐའ་ཡས་པ་ཞིག་ཡོད་པ་བཤད་དོ། །
|