7327
Jump to navigation
Jump to search
ཚིག་བླ་དྭགས | |
Tibetan Definition | 1 མིང་ངམ་བཏགས་མིང་གི་དོན་ཡིན་ཏེ། བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ལས། ཚིག་བླ་དྭགས་ནི་མིང་ངོ་། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། ཚིག་ནི་འདིར་མིང་དང་། བླ་ནི་སྟེང་། དྭགས་ནི་གདགས་པའམ་འདོགས་པའི་དོན་ཡིན། དེས་ན་སྔར་གྱི་མིང་རྙིང་པའི་སྟེང་དུ་མིང་གསར་པ་ཞིག་བཏགས་པ་ལ་ཚིག་བླ་དྭགས་ཟེར། དཔེར་ན་ཁྱི་ཨ་སོབ་ལ་སེངྒེ་ཞེས་བཏགས་པའི་ཚེ་སེངྒེ་ནི་ཁྱི་ཨ་སོབ་ཀྱི་ཚིག་བླ་དྭགས་སམ་བཏགས་མིང་ཡིན་པ་ལྟ་བུའོ། ། |
---|