735

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གངས་ཏེ་སེ
Tibetan Definition སྟོད་མངའ་རིས་ཕྱོགས་སུ་ནང་པ་དང་། ཧིནྡཱུ་གཉིས་ཀའི་ཐུན་མོང་དུ་རྩ་ཆེར་འཛིན་སའི་གངས་རི་ཞིག་སྟེ། ལེགས་སྦྱར་དུ། ཀཻ་ལ་ཤད་དང་། ཕྱི་རྒྱལ་བས་Mount Kailash ཟེར། ཕལ་སྐད་དུ་གངས་རིན་པོ་ཆེ་ཟེར་བ་དེའོ། །ཏེ་སེའམ། ཏི་སེ་ནི་ལེགས་སྦྱར་གྱི་སྐད་ལ་གངས་རིའི་མིང་ཡིན་པར་བཤད། ཕྱི་ལོ་དུས་རབས་བཅུ་གཅིག་པའི་ནང་གངས་དཀར་ཏེ་སེའི་རྩེ་མོར་རྗེ་བཙུན་མི་ལས་རྫུ་འཕྲུལ་གྱིས་ཕེབས་པ་མགུར་འབུམ་༡༧༦ན་གསལ། གངས་དཀར་ཏེ་སེ་དང་། མཚོ་མ་ཕམ་གྱི་གནས་བཤད་ཞིབ་པར་འབྲི་གུང་གདན་རབས་སོ་བཞི་པ་དཀོན་མཆོག་བསྟན་འཛིན་གྱིས་མཛད་པའི་ཤེལ་དཀར་མེ་ལོང་ནང་གསལ་ཡོད། ཅེས་ཞྭ་སྒབ་པའི་རྒྱལ་རབས་ན་གསལ། འདི་སྐོར་མདོ་དྲན་པ་ཉེར་གཞག་༼ ཤ་པ ༽༡༩༠བ༣ལས་གསུངས་སོ། །