7363

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚུལ
Tibetan Definition 9 འདོད་པ། གྲུབ་མཐའི་ཚུལ་ཞེས་པ་ལྟ་བུ། q ལེགས་པ། ཚུལ་མཐུན་ཞེས་པ་ལྟ་བུ། དམ་སྡོམ་ཚུལ་བཞིན་བསྲུང་ལྟ་བུའོ། །w བདེན་པ། འཕགས་པའི་བདེན་པ་ལ་འཕགས་པའི་ཚུལ་ཞེས་བརྗོད་པ་ལྟ་བུ། རྣམ་བཤད་རིགས་པ་ལ་གཞི་བྱས། གསེར་ཏོག་སུམ་འགྲེལ་ལས། དོན་དམ་པའི་ཚུལ། ཞེས་གསུངས། e ལམ། ལམ་ནི་འདིར་ལུགས་སྲོལ་ལ་ཟེར་བས། ལུགས་སྲོལ་དང་མཐུན་པ་ལ་ཚུལ་དང་མཐུན་པ་ཞེས་པ་ལྟ་བུ། r རྣམ་འགྱུར། སྟངས་ཀ། སྟངས། འགྲོ་ཚུལ་ཞེས་པ་ལྟ་བུ། t རྣམ་པ། ཚུལ་སྣ་ཚོགས་པ་ཞེས་པ་ལྟ་བུ། ལུང་ཕྲན་ཚེགས་ཀྱི་འགྲེལ་པར། རིའི་རྩེ་མོའི་ཚུལ་ལམ་ཞེས་བྱ་བ་ནི་རིའི་རྩེ་མོའི་རྣམ་པར་རོ། །ཞེས་གསུངས་པ་ལྟ་བུ། y སྤྱོད་པའམ་སྤྱོད་ལམ། ཚུལ་ཁྲིམས་ཞེས་པ་ལྟ་བུ། ཚུལ་ནི་སྤྱོད་པ། ཁྲིམས་ནི་དེ་ལས་མི་འདའ་བ། ཡང་ཚངས་པའི་སྤྱོད་པ་ལ། ཚངས་པའི་ཚུལ་ཞེས་བརྗོད་པ་ལྟ་བུ། u མྱང་འདས། དཔེར་ན་མྱང་འདས་ལ་བླ་མེད་ཀྱི་ཚུལ་ཞེས་བརྗོད་པ་ལྟ་བུའོ། །i མཐའ། དཔེར་ན། སྲིད་པའམ་ཞི་བའི་ཚུལ་ལས་འདས། ཞེས་པ་ལྟ་བུ། ཞེས་གསེར་ཏོག་སུམ་འགྲེལ་དུ་གསུངས། དེ་ཡང་སྨྲ་སྒོ་ལས། ཚུལ་ནི་འདྲ་དང་སྨད་པ་དང་། །སྒོ་དང་སྡོམ་པ་མཚན་ཉིད་དང་། །ཐབས་དང་རིགས་པ་དོན་དང་འདོད། །ལེགས་པ་དག་ལ་འཇུག་པ་ལས། །ཞེས་དང་། རྣམ་བཤད་རིགས་པ་ལས་ཀྱང་། ཚུལ་གྱི་སྒྲ་ནི་བདེན་པ་དང་། །ལམ་དང་འབྲེལ་འབྱུང་རིགས་པ་དང་། །ཞེས་གསུངས་པ་ལྟར་རོ། །ཚུལ་གྱི་སྒྲ་འཇུག་ཡུལ་གཞན་ཡང་ཤིན་ཏུ་མང་བར་སྣང་ངོ་། །རྒྱས་པར་རྣམ་བཤད་རིགས་པ་བསྟན་འགྱུར་༼ ཤི ༽༣༥བ་༥ལ་གཟིགས།